资料摘要
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ། སློབ་ཚན་ལྔ་བ། རུ་སྤོར་བ།གཅིག སློབ་ཁྲིད་ཀྱི་ནང་དོན། སློབ་ཚན་ལྔ་བ། རུ་
- 资料类型:教学教案文档
- 所属课文:1.看地图 找家乡
- 支持正文预览,并提供同课文课件入口
- 浏览次数
- 158
- 下载次数
- 0
- 更新时间
- 2026-04-21 00:47:36
- 来源学校
- 学校:若尔盖县辖曼乡中心校
1.看地图 找家乡名师教学设计2
未知
摘要:暂无摘要
关键词:1.看地图 找家乡名师教学设计2
正文
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
སློབ་ཚན་ལྔ་བ། རུ་སྤོར་བ།
གཅིག སློབ་ཁྲིད་ཀྱི་ནང་དོན། སློབ་ཚན་ལྔ་བ། རུ་སྤོར་བ།
གཉིས། སློབ་ཁྲིད་ཀྱི་དམིགས་ཚད།
འབྲོག་པ་རྣམས་ཀྱིས་དུས་བཞིའི་ནམ་ཟླའི་དྲོ་གྲང་གི་འགྱུར་བ་དང་བསྟུན་ནས་མཚེར་ས་གང་འཚམ་
དུ་རུ་སྤོར་བ་དང་།
རུ་སྤོར་སྐབས་གནའ་དུས་སུ་གཡག་ལ་ཁལ་འགེལ་བ་དང་དེང་སང་ལམ་བདེ་སར་
འགྲིམ་འགྲུལ་ཡོ་བྱད་བེད་སྤྱོད་བྱེད་བཞིན་ཡོད་པ་ཤེས་དགོས།
གསུམ། རང་སྦྱོང་མཛུབ་སྟོན།
སློབ་གྲོགས་ཚོ།
སློབ་ཚན་འདི་ནི་ང་ཚོ་འབྲོག་པ་མང་ཚོགས་དང་ཤིན་ཏུ་ཁ་ཐག་ཉེ་བའི་སློབ་
1 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
ཚན་ཞིག་ཡིན་པས་ཧ་ཅང་གོ་བདེ་མོ་ཞིག་རེད།
ནང་སྒོས་སུ་དུས་རྒྱུན་ང་ཚོའི་དུས་བཞིའི་འགྱུར་ལྡོག་
དང་བསྟུན་ནས་རུ་སྤོར་བ་ལ་ཕྱིར་དྲན་ཞིག་བྱོས་དང་དམིགས་ཚད་འདི་འགྲུབ་རྒྱུ་ལས་སླ་མོ་ཡིན། ཁྱེད་
ཚོར་དམིགས་ཚད་འདི་འགྲུབ་པའི་ཡིད་ཆེས་དང་གདེངས་ཚོད་ཡོད་དམ།
དགེ་རྒན་སློབ་གྲོགས་ཚོར་
ཡིད་ཆེས་བརྟན་པོ་ཡོད།
བཞི། ཁྲིད་ཆས།
བསླབ་དེབ། རི་མོ། སྨྱན་མང་གཟུགས། ཁལ་ཆས།
2 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
ཐུན་དང་པོ། ཐ་སྙད་གོ་དོན་ངེས་པ།
གཅིག སློབ་ཁྲིན་ཀྱི་ནང་དོན། ཐ་སྙད་གོ་དོན་ངེས་པ།
གཉིས། སློབ་སྦྱོང་གི་དམིགས་ཚད།
ཐ་སྙད་གོ་དཀའ་བ་དག་ཡིག་ནང་དུ་བཙལ་ནས་གོ་དོན་ཤེས་པར་བྱེད་དགོས།
གསུམ།
རང་སྦྱོང་མཛུབ་སྟོན།
༡
གོ་བ་མི་ལོན་པའི་ཐ་སྙད་ལ་རྟགས་བརྒྱབ་ནས་དག་ཡིག་ནང་དུ་བཙལ་ནས་དོན་གོ་བར་བྱ།
༣
མིང་འགྲེལ་དག་བརྙན་ཡོལ་ངོར་འཆར་དུ་འཇུག་ནས་གོ་བདེ་བ་བྱེད་པ།
༼སློབ་གྲོགས་ཚོ་ཁྱེད་ཚོར་དམིགས་ཚད་འདི་འགྲུབ་པས་ཡིད་ཆེས་དང་གདེངས་ཚོད་ཡོད་དམ།
3 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
དགེ་རྒན་ལ་སློབ་གྲོགས་ཚོ་ཡིད་ཆེས་བརྟན་པོ་ཡོད།
༽
བཞི། ལྟོས་ཤིག སྐར༡༥
༡ སློབ་མ་རང་གིས་ཐེངས་གཅིག་ཀློག་ཞོར་གོ་དཀའ་བའི་ཐ་སྙད་ལ་རྟགས་རྒྱོབས།
༢ རང་གིས་གོ་བ་མི་ལོན་པའི་ཐ་སྙད་དག་ཡིག་ནང་བཙལ་ནས་དོན་ཤེས་འེ་ཐུབ་ལྟོས།
༣ དོན་གོ་དཀའ་བའི་ཐ་སྙད་ལ་རྟགས་བརྒྱབ་ནས་ཕན་ཚུན་གྲོས་བསྡུར་བྱོས།
ལྔ་བ། འཁྲིད་པ། ༼ སྐར༡༠ ༽
༡ ཚོ་ཆུང་གི་ཚབ་མི་རེའི་ཧ་མི་གོ་བའི་ཐ་སྙད་ཤོད།
༢ ཐ་སྙད་དེ་དག་སློབ་མས་སློབ་མར་འཆད་པ།
4 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
༣ དགེ་རྒན་གྱིས་དག་བཅོས་དང་མིང་འགྲེལ་བརྙན་ཡོལ་ངོར་འཆར་དུ་འཇུག་ནས་གོ་སླ་བར་བཏང་
བ།
དྲུག་པ། ཚོགས་ཐོག་སྦྱོང་བརྡར། སྐར༡༩
༡ རྒྱུན་བཀོལ་ཐ་སྙད་ལ་ཚིག་སྒྲིག་གི་བཅུག་པ། སྐར༥
མཚེར་ས། རུ་སྤོར། ཁལ་མ། རྩྭ་ཆུ།
༢ འབྲི་དེབ་བརྙན་ཡོལ་ལ་འཆར་དུ་འཇུག་ནས་དགེ་སློབ་ཚང་མས་དཔྱད་འཇོག་བྱེད།
ཐུན་གཉིས་པ།
རུ་སྤོར་བ།
༼
ཀློག་འགྲན། ༽
གཅིག
སློབ་སྦྱོང་དམིགས་ཚད།
༡ སློབ་གྲོགས་ཚོའི་སློབ་ཚན་དེ་གསལ་ཞིང་དག་ལ་སྙན་ཞིང་མྱུར་བའི་ངང་ནས་ཀློག་ཐུབ་དགོས།
5 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
༢ སློབ་ཚན་གྱི་ནང་དོན་ལ་གོ་བ་རགས་ཙམ་ལོན་དགོས།
གཉིས།
རང་སྦྱོང་མཛུབ་སྟོན།
གཅེས་ཕྲུག་ཚོ་ཁྱེད་ཚོས་སློབ་ཚན་ཀློག་དུས་དབྱངས་ཀྱི་འགྱུར་ཁུགས་སྙན་ལ་བརྩེ་གདུང་ལྡན་པའི་
ངང་ནས་བཀླག་རྒྱུ་གལ་ཆེ།
གསུམ། ལྟོས་ཤིག
(སྐར༡༥) ༡ དགེ་རྒན་གྱིས་ཀློག་ཁྲིད་བྱེད་དུས་ཚིག་གི་གཅོད་མཚམས་ལ་རྟགས་རྒྱོབས།
༢ སློབ་ཚན་ཁོག་འདོན་བྱེད་པ།
༣ སློབ་ཚན་གྱེར་འདོན་འགྲན་པ།
༤ སློབ་མའི་སློབ་མར་འཁྲིད་པ།
༥ འདོན་རེས་སམ་མེ་འཁོར་སྐོར་བ།
བཞི།
འཁྲིད་པ།( སྐར་༡༠) ༡
དགེ་རྒན་གྱིས་སྙན་ཞིང་འཇེབས་ལ་བརྩེ་གདུང་
6 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
ལྡན་པའི་ངང་ནས་བཀླགས་པའི་སྒྲ་ཕབ་ལ་སྙན་དུ་
འཇུག་པ།
༢ སློབ་མའི་དགེ་རྒན་ལ་ལད་ཟློས་བྱས་ནས་ཀློག་པའི་སྐབས་སྒྲ་ལ་ཕབ་ནས་ཁོ་ཚོར་རང་ཉིད་ཀྱིས་
ཀློག་འདོན་སྐབས་འབྱུང་བའི་གནད་དོན་འཚོལ་བ།
ལྔ་བ། ཚོགས་ཐོགས་སྦྱོང་བརྡར། (སྐར་༡༩) ༤ ཀློག་འདོན་འགྲན་བསྡུར།
ཕོ་མོ་འགྲན་བསྡུར།
ཚོ་ཆུང་འགྲན་བསྡུར། ཁེར་ཀློག་འགྲན་བསྡུར།
ཐུན་གསུམ་པ།
རུ་སྤོར་བ།
གཅིག
སློབ་ཁྲིད་ཀྱི་ནང་དོན། རུ་སྤོར་བ།
གཉིས།
སློབ་སྦྱོང་དམིགས་ཚད།
འབྲོག་པ་རྣམས་ཀྱིས་དུས་བཞིའི་ནམ་ཟླའི་དྲོ་གྲང་གི་འགྱུར་བ་དང་བསྟུན་ནས་མཚེར་ས་གང་འཚམ་
དུ་རུ་སྤོར་བ་དང་།
རུ་སྤོར་སྐབས་གནའ་དུས་སུ་
7 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
གཡག་ལ་ཁལ་འགེལ་བ་དང་དེང་སང་ལམ་བདེ་སར་
འགྲིམ་འགྲུལ་ཡོ་ཆས་བྱེད་སྤྱོད་བྱེད་བཞིན་ཡོད་པ་ཤེས་དགོས།
གསུམ། རང་སྦྱོང་མཛུབ་སྟོན། སློབ་གྲོགས་ཚོ། སློབ་ཚན་དང་དུས་རྒྱུན་ང་ཚོའི་དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་རུ་སྤོར་བ་ལ་
ཕྱིར་དྲན་ཞིག་བྱོས་དང་དམིགས་ཚད་འདི་འགྲུབ་རྒྱུ་ལས་སླ་མོ་ཡིན།
བཞི། ལྟོས་ཤིག སྐར་༡༥
སྤྱིར་སློབ་ཚན་འདི་ལ་རང་གྲུབ་ཚན་པ་དགུ་ཡོད་མོད་དེ་ཁག་བཞི་ལ་དབྱེ་ན་གོ་བ་ལེན་སླ་མོ་
འདུག ༼ སྐར་ལྔའི་རྗེས་སུ་ཚོ་ཆུང་སོ་སོས་ནང་དོན་ངེས་ཤིང་བརྗོད་དོན་བཤད་ཐུབ་མིན་འགྲན། ༽
8 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
རང་གྲུབ་ཚན་པ། ༡-༢ཁག་དང་པོ། ཨ་ཕས་ཕུ་བོའི་སློབ་གྲོགས་ཤིག་ལ་རུ་སྤོ་ཚུལ་སྐོར་ཁ་བརྡ་
བྱས་པ་བརྗོད་ཡོད།
རང་གྲུབ་ཚན་པ། ༣-༦ཁག་གཉིས་པ། རུ་སྤོར་བའི་རྒྱུ་མཚན་དང་རུ་སྤར་ན་དགེ་མཚན་ཅི་ཞིག་
ཡོད་བྲིས་འདུག་པ་མ་ཟད།
སྦྲ་ཕུབ་སྟངས་དང་རྡང་རྒྱག་ཚུལ་ཁ་གསལ་ངང་བྲིས་འདུག
རང་གྲུབ་ཚན་པ། ༨-༩ཨ་ཕའི་གསོན་ཉམས་ལྡན་པའི་ཁ་བརྡའི་ཡིད་དབང་འཕྲོག་ནས་བཤད་ཚར་
ཡང་ཧད་འདུག་པ་བརྗོད་ཡོད།
རེད་དེ། འབྲོག་མིའི་རུ་སྤོ་བ་ནི་ཡུལ་སྐོར་བ་གང་ཞིག་གིས་འཆར་བཀོད་བྱས་པའི་ལྗོངས་ལམ་སྐྱིད་པོ་
9 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
དེའོ།།
ལྔ། འཁྲིད་པ། སྐར༡༠
རི་མོ་དང་འབྲེལ་ནས་སློབ་ཚན་གྱི་དོན་ལ་གོ་བ་ཟབ་མོ་ལེན་པ།
དཔྱིད་མཚེར་ཁ།....ཁ་བ་ཞུ་སླ་བ། ལྗང་སྨྱུག་འབུས་སྔ་བ། དྲོད་ཁུལ་དུ་ཟོག་འཚོ་སྐྱོང་བྱེད།
དབྱར་མཚེར་ཐང་།....ས་བབ་ཅུང་མཐོ་བའི་རི་སྒང་ངམ་སྦང་ཐང། རྩྭ་ཆུ་གང་བཟང་གི་སྤང་དུ་རུ་
སྤར་ནས་སྒོ་ཟོག་ལ་ཤ་ཤེད་རྒྱས་པའི་རྨང་འདིང་བ།
སྟོན་མཚེར་ཁུག....ས་བབས་ཅུང་དམའ་བ། ཆར་ཆུ་ཉུང་བའི་དྲོད་ཁུག་རུ་སྤར། རྩྭ་ཆུ་བཟང་བས་
ཤ་ཤེད་ཤིན་ཏུ་བཟང་།
10 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
དགུན་སའི་ཁོག....སྤང་གཞོང་། རི་འདབས།
ཉི་ཁུག
ལྷག་རླུང་དང་ཁ་ཆར་བུ་ཡིག གཅན་གཟན་
ཀྱི་གནོད་པ་ཆུང་བས་གནས་སུ་སྤོར། དྲུག་པ། ཐུན་ཐོག་སྦྱོང་བརྡར། སྐར༡༩
ཀ བསམ་བློ་ཞིབ་མོ་བཏང་ནས་གཤམ་གྱི་དྲི་བར་ལན་འདེབས་པ་འགྲན་པ།
༡ འབྲོག་པའི་རུ་སྤོར་དགོས་པའི་རྒྱུ་མཚན་ཅི་ཡིན།
༢ རུ་སྤོར་བའི་མཚེར་ས་ལ་དབྱེ་ན་དུ་ཡོད།
༣ རུ་སྤོར་སྐབས་མཚེར་ས་ལ་ས་བབས་མི་འདྲ་བ་དེ་དག་འདེམས་དགོས་པའི་རྒྱུ་མཚན་ཅི་ཡིན།
༤ རུ་སྤོ་དུས་ཅི་ལྟར་སྤོར་བ་ཡིན།
11 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
ཁ ནམ་ཟླའི་དྲོ་གྲང་ལ་བསམ་གཞིག་ཞིབ་མོར་ཐོངས་དང་འགྲིག་མིན་བརྡར་ཤ་གཅོད་པ་འགྲན།
༡ དགུན་ཁ་ས་བབས་ཅུང་དམའ་བ་ཆར་ཆུ་ཉུང་བའི་དྲོད་ཁུག་ལ་མཚེར་སྤར། (
)
༢ དཔྱིད་ཀ་ཁ་བ་ཞུ་སླ་བ་དང་ལྗང་སྨྱུག་འབུས་སྔ་བའི་དྲོད་ཁུག་ནས་ཟོག་འཚོ་སྐྱོང་བྱེད། (
) ༣ དབྱར་ཁ་ས་བབས་ཅུང་མཐོ་བའི་རི་སྒང་ངམ་རྩྭ་ཆུ་གང་བཟང་ལ་རུ་སྤོ། (
) ག གཤམ་གྱི་མིང་བདམས་ནས་ཚིག་གི་སྟོང་ཆར་ཁ་སྐོང་བ་འགྲན།
ཀ ཡ་རུའི་རྡང་། ཁ བེའུ་རྡང་།
ག སྣ་མ་དང་གཡག་གསར་གྱི་རྡང་།ག
12 / 13
ལོ་རིམ་དྲུག་པ། ཕ་ས་ཕ་ཡུལ།
ང་། རྟ་རྡང་རྒྱག་པ། ཅ
ཡར་མ་དང་ཆུན་མའི་རྡང་། ཆ ལུག་ཁྱུ།
རྡང་རྒྱག་ཚུལ་དེའང་གྲུ་བཞི་བྱས་ནས་དབུས་སུ(
ཁ
)
དེའི་ཕྱི་རུ་(
ཀ
)དེའི་ཕྱི་རུ་
(
ཅ
)
དེའི་ཕྱི་རུ་(
ག
)
སྒོ་ཐད་དུ་(
ང
)
ཉེ་ལོགས་སུ་( ཆ
)བསྐོར་ནས་འཇོག
ང་། རུ་སྤོར་བར་སོང་བའི་མྱོང་ཚོར་ཚོ་ཆུང་འགྲན་སྡུར་བྱེད།
ཅ། ཚོགས་ཕྱིའི་ལས་བྱ། རང་ཕ་ཡུལ་གྱི་རྒན་པ་རྣམས་ལ་རུ་སྤོར་ཚུལ་དྲིས།
13 / 13
文档信息
- 格式: PDF
- 页数: 未知页
- 字数: 未知
- 上传时间: 2026-04-21 00:47:36
- 下载次数: 0
- 浏览次数: 158
- 积分: 3
- 收藏: 0
作者信息
5ygggwenku_47307
来自:学校:若尔盖县辖曼乡中心校
配套课件
相关文档
下载提示
下载文档后,您可以获得:
- 完整无水印文档
- 高清阅读体验
- 随时保存查看
- 支持打印下载
关于本教案的常见问题
Q:1.看地图 找家乡名师教学设计2是什么类型的资料?
A:这是一份教学教案文档,可用于备课、课堂讲解与课后复习,支持在线预览正文内容。
Q:这份教案对应哪篇课文?
A:对应课文《1.看地图 找家乡》,可从面包屑进入课文目录查看同课其他资料。
Q:如何找到配套课件?
A:页面提供「配套课件/同课文课件」入口;也可进入课文详情页同时查看教案与课件列表。