资料摘要
༩. ནོར་།གཅིག།སློབ་ཁྲིད་ཀྱི་རེ་འདུན་དང་དམིགས་ཚད།༡ ཤེས་བྱ་དང་ནུས་རྩལ།སློབ་ཚན་གྱི་ཀློག་འདོན་ཤེས་པ་དང་ནང་དོན་ལ་གོ་བ་བླངས་བའི་རྨང་གཞིའི་སྟེང་སློབ་ཚན་ནང་
- 资料类型:教学教案文档
- 所属课文:习作
- 支持正文预览,并提供同课文课件入口
- 浏览次数
- 40
- 下载次数
- 0
- 更新时间
- 2018-06-10 22:33:00
- 来源学校
- 学校:兴海县第一民族寄宿制学校
习作优秀教案
未知
摘要:暂无摘要
关键词:习作优秀教案
正文
༩. ནོར་།
གཅིག།སློབ་ཁྲིད་ཀྱི་རེ་འདུན་དང་དམིགས་ཚད།
༡ ཤེས་བྱ་དང་ནུས་རྩལ།
སློབ་ཚན་གྱི་ཀློག་འདོན་ཤེས་པ་དང་ནང་དོན་ལ་གོ་བ་བླངས་བའི་རྨང་གཞིའི་སྟེང་སློབ་ཚན་ནང་གི་ཐ་སྙད་གསར་བའི་གོ་དོན་རྟོགས་པ་དང་ཚིག་གྲུབ་བཟོ་ཤེསདགོས་པ།
༢ གོ་རིམ་དང་ཐབས་ཤེས།
སློབ་ཚན་བསླབས་པའི་གོ་རིམ་བརྒྱུད་ནས་ཤེས་བྱའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཤེས་སུ་འཇུག་པ་དང་ཐ་སྙད་བཀོལ་སྟངས་སྣ་ཚོགས་ཡོད་པ་མྱོང་ཚོར་བྱེད་པ་དང་བསམ་གཞིགས་བྱེད་པ། སློབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་རྒྱུ།
༣ ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ།སློབ་མའི་སློབ་སྦྱོང་གི་འདུན་པར་སྐུལ་སློང་
དང་འཚོ་བར་དགའ་སྣང་སྤེལ་ཏེ། དུས་རྒྱུན་འཚོ་བའི་ཁྲོད་དུ་ཤེས་བྱའི་ཟབ་དོན་ཡིད་ལ་ངེས་པར་བྱེད་པ།
གཉིས། དཀའ་གནད་དང་གཙོ་གནད།
༡. སློབ་ཚན་ནང་གི་མིང་གསར་གྱི་འབྲི་ཀློག་དག་གསུམ་ལ་བྱང་ཆ་ལྡན་པ་དང་དོན་ཤེས་པར་བྱེད་པ།
༢. ཚིག་གྲུབ་བཟོ་སྟངས་ལ་སྦྱོང་བརྡར་བྱེད་པ།
༣. སློབ་ཚན་གྱི་ནང་དོན་ལ་གོ་བ་ལེན་པ་དང་བརྗོད་བྱ་གཙོ་བོར་བསམ་གཞིགས་བྱེད་པ།
གསུམ། སློབ་ཁྲིད་ཡོ་བྱད། མཚོན་ལྡན་ས་སྨྱུག། རྒྱུ་ཆ།
སྤྱིའི་དམིགས་ཚད་འགྲུབ་རིམ། སློབ་ཚན་ཀློག་འདོན----- མིང་ཚིག་འགྲེལ་བདང་ཐ་སྙད་བཀོད་སྟངས-------སློབ་ཚན་དབྱེ་ཞིབ་དང་ཕྱོགས་སྡོམས་-------བེད་སྤྱོད་དང་གཤར་
སྦྱང་།-------ལས་བྱ་བཀོད་སྒྲིག་བྱེད་པ།
ཁྲིད་ཐབས། ༡ གསོན་ཉམས་ལྡན་པའི་སྒོ་ནས་སློབ་
ཁྲིད་ཀྱི་ཐབས་ལམ་བཙལ་ནས་སློབ་མར་བློ་སྒོ་སློབ་ཐུན་
འབྱེད་པ། ༢ སློབ་མར་དྲི་བ་འདོན་པ། ཚན་ཆུང་གི་གྲོས་བསྡུར་བྱེད་པ།༣. སློབ་ཚན་འདི་ཐུན་གསུམ་དུ་བགོས་ནས་ཁྲིད་པ།
གཅིག། ཐུན་དང་པོའི་སློབ་ཁྲིད་ཀྱི་རེ་འདུན་དང་དམིགས་ཚད།
ཐུན་འདིའི་ནང་ཐ་སྙད་གསར་བའི་འབྲི་ཀློག་དག་གསུམ་དང་སློབ་ཚན་སྡུད་ཀློག་བྱེད་པ་དང་ནང་དོན་རགས་ཙམ་ཤེས་སུ་འཇུག་པ།
གཉིས། ཐུན་དང་པོའི་དཀའ་གནད་དང་གཙོ་གནད།
ཐ་སྙད་གསར་བའི་འབྲི་ཀློག་དག་གསུམ་དང་སློབ་ཚན་སྡུད་ཀློག་བྱེད་པ།
གསུམ། སློབ་ཁྲིད་ཡོ་བྱད། ཚོན་ལྡན་ས་སྨྱུག། ལོ་རྒྱུས་རྒྱུ་ཆ།
༡. སྔོན་འགྲོའི་ཚད་འཇལ།
དགེ་རྒན་གྱིས་དྲི་བ་འདོན་པ་དང་སྐྱོན་སེལ་བ། སློབ་མའི་བསམ་གཞིགས་དང་དྲིས་ལན་འདེབས་པ།
༣ . ཚད་ཐོན་སློབ་སྟོན།
1. དགེ་རྒན་གྱིས་ཁ་བྱང་འགོད་པ་དང་གསལ་བཤད་བྱས་ནས་སློབ་ཚན་གྱི་ནང་དོན་རག་ཙམ་བརྗོད་པ།
2. དགེ་རྒན་གྱིས་སྒྲ་དག་མོའི་ཐེངས་གཅིག་ཁྲིད་པ།
3. སློབ་གྲོགས་ཚོས་ཚིག་གི་གཅོད་མཚམས་དང་འདོན་སྟངས་ལ་མཉམ་འཇོག་བྱས་ཏེ་ཀློག་འདོན་པ།
4. ཐ་སྙད་གྱི་ཀློག་སྟངས་དང་ནང་དོན་ཁྲིད་པ།
༤.ཚད་ཐོན་ཚད་འཇལ།
སློབ་མ་འགའ་སྒོ་སམ་སྟེང་དུ་བོས་ནས་ཐ་སྙད་བློར་འབྲི་བ་དང་འགྲེལ་རྒྱག་པ་ཚིག་གྲུབ་བཟོ་བ་བཅས་
བྱས་ནསབསྐྱར་སྦྱོང་བྱེད་པ། དག་སྐྱོན་སོགས་སེལ་བ།
༥ སྒོ་སམ་ཇུས་འགོད། སློབ་ཚན་ངོ་སྤྲོད།
༦.ལས་བྱ་འགོད་པ། ཚིག་སྒྲིག་པ།
༧、ཁྲིད་རྗེས་ཀྱི་མྱོང་ཚོར།
སློབ་སྦྱོང་གི་ཐབས་ཤེས་སྣ་ཚོགས་བེད་སྤྱད་ནས་ཁོ་ཚོ་རང་ལ་འཚོ་བའི་ཐབས་ཤེས་སྤྱད་དེ་སློབ་སྦྱོང་གི་བདག་པོ་ངོ་མར་འགྱུར་བར་བྱེད་པའི་ཕྱོགས་སུ་བརྩོན་པར་སྐུལ་མ་བཏང་སྟེ།སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་རྩལ་གཉིས་ཀར་སྦྱོང་བརྡར་བྱེད་དགོས་པ་དེ་རེད།
སློབ་ཐུན་
གཅིག། ཐུན་གཉིས་པའི་སློབ་ཁྲིད་ཀྱི་རེ་འདུན་དང་དམིགས་ཚད།
ཐུན་འདིའི་ནང་སློབ་ཚན་ལ་དབྱེ་ཞིབ་བྱས་ནས་ཚན་པ་དགར་བ་དང་སློབ་ཚན་གྱི་ནང་དོན་རགས་ཙམ་ཤེས་སུ་འཇུག་པ།
གཉིས། ཐུན་གཉིས་པའི་དཀའ་གནད་དང་གཙོ་གནད།
སློབ་ཚན་གྱི་ནང་དོན་ལ་གོ་བ་བླངས་བའི་རྨང་
གཞིའི་སྟེང་སློབ་ཚན་གྱི་བསྟན་དོན་ངེས་བར་བྱེད་པ།
གསུམ། སློབ་ཁྲིད་ཡོ་བྱད། མཚོན་ལྡན་ས་སྨྱུག། དཔེར་བརྗོད་རྒྱུ་ཆ།
༡. སྔོན་འགྲོའི་ཚད་འཇལ།
དགེ་རྒན་གྱིས་དྲི་བ་འདོན་པ་དང་སྐྱོན་སེལ་བ། སློབ་མའི་བསམ་གཞིགས་དང་དྲིས་ལན་འདེབས་པ།
1. ཁྱོད་ཚོའི་ནོར་མཐོང་ཨེ་མྱོང་།
ལན་། མཐོང་མྱོང་།
2. ནོར་ནི་རིན་པོ་ཆེ་ཞིག་ཡིན་པ་ཕྱོགས་གང་དག་ནས་ཤེས་ཐུབ་།
ལན་།ནོར་ནི་ཉིན་རྒྱུན་འཚོ་བའི་ཁྲོད་མཁོ་བའི་བཟའ་བཏུང་དང་གྱོན་ཆས། ཡོ་བྱད། མཛེས་རྩལ། བཟོ་ལས་སོགས་ཀྱི་མ་བཅོས་རྒྱུ་ཆའི་འབྱུང་ཁུངས་ཡིན་པ་དང་འབྲོག་ལས་དང་སྐྱེལ་འདྲེན་སོགས་ལ་མེད་དུ་མི་
རུང་བའི་སྤྱོད་སྒོ་ཆེ་བ་སོགས་ནས་ནོར་ནི་རིན་པོ་ཆེ་ཞིག་ཡིན་པ་ཤེས་ཐུབ།
3.ནོར་ལ་ས་མཐོའི་གྲུ་གཟིངས་ཞེས་ཐོག་དོན་ཅི་ཡིན་།
ལན་།
༢. དམིགས་ཚད་གཏན་འཁེལ།
ཁ་བྱང་གསལ་བཤད། སློབ་མའི་ལྟ་ཞིབ། ཚན་པ་རེ་རེའི་ནང་དོན་བཤད་པ། ཡིད་འཛིན་བྱེད་པ།
༣.ཚད་ཐོན་སློབ་སྟོན།
1. ཚན་པ་དབྱེ་ཞིབ་བྱེད་པ། 2. དོན་ཚན་རེ་རེའི་ནང་དོན་ལ་བསམ་གཞིགས་བྱེད་པ།
3. ཕྱོགས་སྡོམས་ཆུང་བ། སློབ་ཐུན་འདིའི་ནང་གི་བརྗོད་དོན་སྤྱི་བསྡོམས་བྱེད་པ།
༤ ཚན་ཐོན་ཚད་འཇལ།
སློབ་མ་འགའ་བོས་ནས་དྲི་བ་འདོན་པ་དང་།ལན་བཏབ་
༦.ལས་བྱ་འགོད་པ། སྦྱང་བྱ་༡---༢པ།
༧、ཁྲིད་རྗེས་ཀྱི་མྱོང་ཚོར།
༡.བློ་སྒོ་འབྱེད་པའི་ཐབས་བཀོད་སྣ་ཚོགས་བཀོལ་ནས་
སློབ་མའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་སློབ་ཐུན་
བཞིན་འདོན་སྤེལ་བྱེད་པ་དང་རང་སྦྱོང་གི་ནུས་བ་བསྐྱེད་སྲིང་བྱེད་པའི་ཐད་ལ་སློབ་མ་རྣམས་ལ་ཧུར་ཐག་གིས་ཉན་བཤད་འབྲི་ཀློག་གི་ལག་ལེན་དངོས་སུ་ཞུགས་སུ་བཅུག་ནས་ལག་ལེན་གྱི་ཁྲོད་དུ་སྐད་ཆ་ཡིག་ཐོག་ཏུ་བཀོད་ཤེས་བར་བྱེད་པ།
གཅིག། ཐུན་གསུམ་པའི་སློབ་ཁྲིད་ཀྱི་རེ་འདུན་དང་དམིགས་ཚད།
ཐུན་འདིའི་ནང་སློབ་ཚན་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་སློབ་ཚན་གྱི་བརྗོད་བྱའི་སྙིང་དོན་ལ་གོ་བ་རགས་ཙམ་ལེན་པ།
གཉིས། ཐུན་གསུམ་པའི་དཀའ་གནད་དང་གཙོ་གནད།
སློབ་ཚན་གྱི་ནང་དོན་ལ་གོ་བ་བླངས་བའི་རྨང་གཞིའི་སྟེང་བོད་ཀྱི་ལོ་རྒྱུས་ལ་གོ་བ་གཏིང་ཟབ་ལེན་པ་དང། དེའི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་སོགས་ངེས་པའི་ཐོག་མེས་རྒྱལ་ལ་དགའ་ཞེན་གྱི་འདུན་པ་བསྐྱེད་སྲིང་བྱེད་པ།
༡. སྔོན་འགྲོའི་ཚད་འཇལ།
དགེ་རྒན་གྱིས་དྲི་བ་འདོན་པ་དང་སྐྱོན་སེལ་བ། སློབ་མའི་བསམ་གཞིགས་དང་དྲིས་ལན་འདེབས་པ།༢. དམིགས་ཚད་གཏན་འཁེལ།གསལ་བཤད། སློབ་མའི་ལྟ་ཞིབ། ཡིད་འཛིན་བྱེད་པ།
༣.ཚད་ཐོན་སློབ་སྟོན།
1.
དོན་ཚན་རེ་རེའི་ནང་དོན་ལ་བསམ་གཞིགས་བྱེད་པ།
2. ཕྱོགས་སྡོམས་ཆུང་བ། སློབ་ཐུན་འདིའི་ནང་
གི་བརྗོད་དོན་སྤྱི་བསྡོམས་བྱེད་པ།
3.བརྗོད་བྱ་གཙོ་བོ་གསལ་བཤད་བྱེད་པ།
༤ ཚན་ཐོན་ཚད་འཇལ།
སློབ་མ་འགའ་བོས་ནས་དྲི་བ་འདོན་པ་དང་།ལན་བཏབ་
པ་ལ་ཚང་མས་བསམ་བློ་བརྗེ་རེས་བྱེད་པ་དང་རང་
དག་གི་ལྟ་ཚུལ་བརྗོད་པ་བཅས་བྱེད་རྒྱུ་དང།
སྐྱོན་སོགས་སེལ་བ།
༥ .སྒོ་སམ་ཇུས་འགོད།
ཚན་པ་བཞི་བ། ཚན་པ་འདིར་མདོ་དབུས་མཐོ་སྒང་ལ་མང་
བ་མ་གཏོགས་ས་ཆ་གཞན་ན་དཀོན་པ་བརྗོད་ནས་ནོར་ནི་
རིན་པོ་ཆེ་ཞིག་ཡིན་པ་གསལ་བཤད་བྱས་ཡོད།
བརྗོད་བྱ་གཙོ་བོ།སློབ་ཚན་འདིའི་ནང་དུ་འབྲོག་
ཁུལ་གྱི་སྒོ་ཕྱུག་གཙོ་བོ་སྟེ་ནོར་གྱི་འཚོ་བའི་
གོམས་གཤིས་དང་གནས་ཡུལ། གཟུགས་གཞིའི་ཁྱད་ཆོས།
སྤྱོད་སྒོའི་རིན་ཐང་སོགས་ཞིབ་བརྗོད་བྱས་པ་
བརྒྱུད་ནས་མདོ་དབུས་མཐོ་སྒང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྲོག་ཆགས་དང་སྒོ་ཕྱུགས་ལ་གཅེས་འཛིན་བྱེད་དགོས་པའི་རིན་ཐང་གི་ལྟ་བ་མཐོར་འདེགས་བྱེད་དགོས་པ་བརྗོད་ཡོད།
༦.ལས་བྱ་འགོད་པ། གཤམ་གྱི་སྟོང་ཆར་ཕྲད་ཁ་སྐོང་དགོས།
ཞིབ་ཏུ་བརྟགས་ཚེ། དེའི་གཟུགས་()ཆགས་ཚུལ་དོ་མཉམ་()།མིག་དང་རྣ()ཤིན་ཏུ་མཛེས།གནག་()སྣུམ་ལ་ཐུར་()རིང་བོར་དཔྱངས་པའི་རྩིད་པའི་གྲ་ཁ་()བྱེད་པོས་བསམ་བཞིན་རང་བྱུང་ནམ་ཟླར་འཚམ་པའི་གྱོན་ཆས()རྒྱན་གྱི་ཚུལ་()བྱིན་པ()་འདྲ།དེའི་རྭ་ཅོ()་རྩ་ནས་རིམ་བཞིན་རྩེ་མོའི་བར་ལ་ཕྲ་བར་གྱུར་པ་དང་།རེག་བྱ་འཇམ་()བཀྲག་མདངས་འཚེར་བ།མཉམ་པོར་འགྲེང་ཞིང་རྩེ་མོ་ཕྱིར་དགྱེ་བ།རྩ་བ་བཀན་()རྩེ་མོ་རྣོ་བ()།རང་དགྲ་འགོག་པའི་མཚོན་
ཆ()རང་ཉིད་མཛེས་པའི་རྒྱན་ཆ()་གྱུར་འདུག༧、ཁྲིད་རྗེས་ཀྱི་མྱོང་ཚོར།
སློབ་གྲོགས་རྣམས་ཀྱིས་ནོར་ནག་
文档信息
- 格式: PDF
- 页数: 未知页
- 字数: 未知
- 上传时间: 2018-06-10 22:33:00
- 下载次数: 0
- 浏览次数: 40
- 积分: 4
- 收藏: 0
作者信息
5ygggwenku_11247
来自:学校:兴海县第一民族寄宿制学校
配套课件
相关文档
下载提示
下载文档后,您可以获得:
- 完整无水印文档
- 高清阅读体验
- 随时保存查看
- 支持打印下载
关于本教案的常见问题
Q:习作优秀教案是什么类型的资料?
A:这是一份教学教案文档,可用于备课、课堂讲解与课后复习,支持在线预览正文内容。
Q:这份教案对应哪篇课文?
A:对应课文《习作》,可从面包屑进入课文目录查看同课其他资料。
Q:如何找到配套课件?
A:页面提供「配套课件/同课文课件」入口;也可进入课文详情页同时查看教案与课件列表。