资料摘要

སླར་བསྡུ་བཤད་པ།གུ་རུ་སྐྱབས།དང་པོ།སློབ་ཁྲིད་ཀྱི་དམིགས་ཡུལ། ༡. སླར་བསྡུའི་གོ་དོན་དང་། སྡོམ་ཚིག ཐོབ་ཐང་བཅས་བློར་འཛིན་རྒྱུ། ༢. སླར་བསྡུ་དང་། རྫོགས་ཚིག

  • 资料类型:教学教案文档
  • 所属课文:闻王昌龄左迁龙标遥有此寄
  • 支持正文预览,并提供同课文课件入口
浏览次数
52
下载次数
0
更新时间
2026-03-19 21:47:36
来源学校
学校:兴海县第二民族中学

闻王昌龄左迁龙标遥有此寄课件配套优秀教案设计

未知
2026-03-19 21:47:36
52
0
PDF / 未知页
未知字
配套课件
积分:1
第 1 页,共 1 页

闻王昌龄左迁龙标遥有此寄课件配套优秀教案设计

未知

摘要:暂无摘要

关键词:闻王昌龄左迁龙标遥有此寄课件配套优秀教案设计

正文

སླར་བསྡུ་བཤད་པ།

གུ་རུ་སྐྱབས།

དང་པོ།སློབ་ཁྲིད་ཀྱི་དམིགས་ཡུལ།

༡. སླར་བསྡུའི་གོ་དོན་དང་། སྡོམ་ཚིག ཐོབ་ཐང་བཅས་བློར་འཛིན་རྒྱུ།

༢. སླར་བསྡུ་དང་། རྫོགས་ཚིག ཟླ་སྡུད་གསུམ་གྱི་མིང་བཏགས་དོན་དང་།

འཇུག་ཚུལ་ཤེས་དགོས་པ་མ་ཟད་ལག་ལེན་ཁྲོད་དུ་སྤྱོད་ཐུབ་པ་བྱ་རྒྱུ།

གཉིས་པ།སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།

༡. གོ་དོན་དང་། ཕྲད་ཀྱི་སྦྱོར་ཚུལ་ཤེས་པ་བྱ་རྒྱུ་དེ་གཙོ་གནད་དང་།

༢. བེད་སྤྱོད་བྱ་ཡུལ་ལམ་ལག་ལེན་ཁྲོད་དུ་སྤྱོད་ཤེས་པ་བྱ་རྒྱུ་དེ་དཀའ་གནད་ཡིན།

གསུམ་པ།སློབ་ཁྲིད་ཀྱི་བརྒྱུད་རིམ།

དང་པོ། རྩ་ཚིག་ངག་འདོན་དང་འགྲེལ་བཤད་བྱེད་དུ་འཇུག་རྒྱུ།

གཉིས་པ། འགྲེལ་བཤད།

༡. སླར་བསྡུར་ཕྲད་བཅུ་གཅིག་ཡོད་པ་སྟེ། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་བཅས་ཡིན།

༢. སླར་བསྡུའི་གོ་དོན།

དེ་དག་ལ་སླར་བསྡུ་ཞེས་ཟེར་དོན་ནི། རང་གི་བཤད་བྱའི་དོན་དེ་ཉིད་རེ་ཞིག་དེ་ཙམ་གྱིས་སླར་འཆད་རྒྱུ་བསྡུ་བར་བྱེད་པས་སླུར་

བསྡུ་ཞེས་བརྗོད། གཞན་ཡང་སྐབས་དོན་རེ་ཞིག་རྫོགས་པར་སྟོན་པས་རྫོགས་ཚིག་ཅེས་ཟེར་བ་དང་། རང་གི་མཇུག་དེ་མ་ཐག་ཏུ་ཚིག་གི་ཟླ་བོའམ་ཚིག་གྲོགས་བསྡུ་བར་བྱེད་པས་ན་ཟླ་སྡུད་ཅེས་ཟེར་རོ།

༣. སླར་བསྡུའི་ཕྲད་ཀྱི་སྦྱོར་ཚུལ།

ཕྲད་དེ་དག་ཚེག་ཁྱིམ་སྔ་མའི་རྗེས་འཇུག་རང་འདྲ་དང་མཐུན་པར་སྦྱོར་དགོས་ལ་ད་དྲག་གི་རྗེས་སུ་ཏོ་སྦྱོར་དགོས་པ་དང་། རྗེས་འཇུག་མེད་པ་རྣམས་ཀྱི་མཐར་འོ་སྦྱོར་དགོས་སོ།

དཔེར་ན། མཆོག་གོ བཟང་ངོ་། བཤད་དོ། ཡིན་ནོ། ཐོབ་བོ། སྙམ་མོ། འགྲོ་འོ། དགའ་འོ། གསེར་རོ། འཐོལ་ལོ། སྦས་སོ། བསྒྱུརད་ཏོ་ལྟ་བུ་ཡིན།

༤. འཇུག་ཡུལ་གྱི་དབང་གིས་ནང་གསེས་དབྱེ་ན་མིང་གི་རྗེས་སུ་འཇུག་པ་དང་།

བྱ་ཚིག་གི་རྗེས་སུ་འཇུག་པ་གཉིས་ཡོད་དོ།

(1)མིང་གི་རྗེས་སུ་འཇུག་པ།

དཔེར་ན། དེ་ནི་དངུལ་ལོ། ཕ་གི་ནི་གསེར་རོ། ཁོང་ནི་དགེ་རྒན་ནོ། ང་ནི་སློབ་ཕྲུག་གོ

(2) བྱ་ཚིག་གི་རྗེས་སུ་འཇུག་པ།

དཔེར་ན། ཉི་མས་བྲིས་སོ། མེ་འབར་རོ།

སྒྲོན་མས་བཤད་དོ། དབྱུག་པས་རྡུང་ངོ་།

བཞི་བ།སྡོམ་ཆུང་།

སློབ་མ་སོ་སོས་རེའུ་མིག་གཞིར་བཟུང་ཁྲིད་ཟིན་པའི་ནང་དོན་ཕྱོགས་སྡོམ་བྱེད་དགོས།

རྗེས་ འཇུག

ག

ང

ད

ན

བ

མ

འ་དང་མཐའ་

མེད

ར

ལ

ས

ད་དྲག

སྒྲའི་སྦྱོར་ཚུལ།

གོ

ངོ

དོ

ནོ

བོ

མོ

འོ

རོ

ལོ

སོ

ཏོ

མིང་གི་དཔེར་ན། འདི་ནི་བོད་ཡིག་སློབ་དེབ་བོ།

རྗེས་སུ་འཇུག་པ།

བྱ་ཚིག་དཔེར་ན། བོད་ཡིག་སློབ་དེབ་ཉོས་སོ།

གི་རྗེས་སུ་འཇུག་པ།

ལྔ་བ། སྦྱོང་གཞི་བཀོད་སྒྲིག

༡.

སྦྱང་གཞི་དང་པོ་སློབ་ཞོར་དུ་ལེགས་གྲུབ་བྱ་རྒྱུའི་བཀོད་སྒྲིག་བྱ་རྒྱུ།

༢.

སྦྱང་གཞི་གཉིས་པ་དང་། གསུམ་པ། བཞི་པ་སློབ་ཕྱིའི་སྦྱང་ཚན་ ཁོང་གིས་ལྕགས་རྟ་བཞོན་ནོ།

མཚོ་བོད་ལྕགས་ལམ་བསྐྲུནད་ཏོ། ལྟ་བུའོ།

དེ་ནི་ངའི་ལྕགས་རྟ་འོ།

ཕ་གི་ནི་མཚོ་བོད་ལྕགས་ལམ་མོ། ལྟ་བུའོ།

དུ་བཀོད་སྒྲིག་བྱ་རྒྱུ།

༣.

སློབ་མ་སོ་སོས་བསམ་བློ་བཏང་སྟེ་སླར་བསྡུའི་ཕྲད་ཀྱི་སྦྱོར་ཚུལ་གཞིར་བཟུང་དཔེར་བརྗོད་རེ་འགོད་རྒྱུའི་འགྲན་སློང་བྱ་རྒྱུ།

དྲུག་པ།སློབ་ཁྲིད་ཕྱིར་རྟོག སློབ་ཚན་འདི་སློབ་སྐབས་འདིའི་བརྡ་སྤྲོད་ཀྱི་སློབ་ཚན་གཉིས་པ་ཡིན་པ་དང་།ཕྱིས་ཀྱི་བརྡ་སྤྲོད་སློབ་ཚན་དག་གི་རྨང་ལྟ་བུའང་ཡིན།སློབ་ཁྲིད་ཀྱི་གོ་རིམ་གང་དུའང་སློབ་མ་གཙོ་བོར་བཟུང་ཞིང་སློབ་མའི་ཆུ་ཚད་དངོས་དང་བསྟུན་ནས་ཁྲིད་པས་སློབ་གྲོགས་ཕལ་ཆེ་བས་རྫོགས་ཚིག་གི་ཕྲད་བཅུ་གཅིག་ངོས་འཛིན་ཐུབ་ཅིང་།ཞོར་ལ་སུམ་བཅུ་བའི་རྩ་བར་རྫོགས་ཚིག་ཇི་ལྟར་བསྟན་ཡོད་ཚུལ་ལའང་བག་ཆགས་ཟབ་མོ་བཞག་ཡོད།མ་ཟད།ཚིག་ཕྲད་ཀྱི་གོ་དོན་དང་དེའི་དབྱེ་བ་ལ་སོགས་ཀྱང་བདེ་བླག་ཏུ་རྟོག་ཐུབ། ཡིན་ནའང་།རྨང་གཞི་ཞན་པའི་སློབ་གྲོགས་འགའ་ཤས་ཀྱི་རྫོགས་ཚིག་གི་ཕྲད་དག་ངོས་འཛིན་ཐུབ་པ་ཙམ་ལས་སྦྱོར་ཚུལ་ལྟར་ལག་ལེན་ད་བཀོལ་མི་ཐུབ་པས།དེའི་ཐད་དུས་ཚོད་འོས་འཚམས་ཤིག་བཙལ་ལས་གསབ་ཁྲིད་ཅིག་བྱ་དགོས་འདུག་གོ།

第 1 页,共 1 页

文档信息

  • 格式: PDF
  • 页数: 未知页
  • 字数: 未知
  • 上传时间: 2026-03-19 21:47:36
  • 下载次数: 0
  • 浏览次数: 52
  • 积分: 1
  • 收藏: 0

作者信息

教师头像

5ygggwenku_81574

来自:学校:兴海县第二民族中学

下载提示

下载文档后,您可以获得:

  • 完整无水印文档
  • 高清阅读体验
  • 随时保存查看
  • 支持打印下载

关于本教案的常见问题

Q:闻王昌龄左迁龙标遥有此寄课件配套优秀教案设计是什么类型的资料?

A:这是一份教学教案文档,可用于备课、课堂讲解与课后复习,支持在线预览正文内容。

Q:这份教案对应哪篇课文?

A:对应课文《闻王昌龄左迁龙标遥有此寄》,可从面包屑进入课文目录查看同课其他资料。

Q:如何找到配套课件?

A:页面提供「配套课件/同课文课件」入口;也可进入课文详情页同时查看教案与课件列表。